[285A] བཛྲ་བི་དྷཱ་ར་ཎ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེ་ལ་བཞུགས་ཏེ། སངས་རྒྱས་ཀྱིས་མཐུས་ལག་ན་རྡོ་རྗེས་ལུས་ཐམས་ ཅད་རྡོ་རྗེར་བྱིན་གྱིས་བརླབས་ནས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་ལག་ན་རྡོ་རྗེ་སངས་རྒྱས་ཀྱི་མཐུ་དང། སངས་རྒྱས་ཀྱི་བྱིན་གྱི་རླབས་དང་ བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་རྡོ་རྗེ་ཁྲོ་བོ་ལས་བྱུང་བ་རྡོ་རྗེ་སྙིང་པོས་རབ་ཏུ་སྨྲས་ཏེ། མི་ཐུབ་པ། མི་ཆོད་པ། མི་ཤིགས་པ། བདེན་པ། སྲ་བ་ བརྟན་པ། ཐམས་ཅད་དུ་ཐོགས་པ་མེད་པ། ཐམས་ཅད་དུ་མ་ཕམ་པ་།སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ། སེམས་ཅན་ཐམས་ཅད་འཇིལ་བར་བྱེད་པ། རིག་ [285B] རིག་སྔགས་ཐམས་ཅད་གནོན་པར་བྱེད་པ། ལས་ཐམས་ཅད་འཇོམས་པར་བྱེད་པ། གཞན་གྱི་ལས་ཐམས་ཅད་འཇིག་པར་བྱེད་པ་ གདོན་ཐམས་ཅད་བརླག་པར་བྱེད་པ། གདོན་ཐམས་ཅད་ལས་ཐར་པར་བྱེད་པ། འབྱུང་པོ་ཐམས་ཅད་འགུགས་པར་བྱེད་པ། འབྱུང་པོ་ཐམས་ཅད་ཚར་གཅོད་པ། རིག་ སྔགས་ཀྱི་ལས་ཐམས་ཅད་བྱེད་དུ་འཇུག་པ། མ་གྲུབ་པ་རྣམས་གྲུབ་པར་བྱེད་པ། གྲུབ་པ་རྣམས་ཆུད་མི་ཟ་བར་བྱེད་པ། འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པ། སེམས་ ཅན་ཐམས་ཅད་སྲུང་བ། ཞི་བ། རྒྱས་པ། སེམས་ཅན་ཐམས་ཅད་རངས་པར་བྱེད་པ། རྨུགས་པར་བྱེད་པའི་གསང་སྔགས་ཀྱི་མཐུ་ཆེན་པོ་འདི་སངས་རྒྱས་ཀྱི་མཐུས་ལག་ ན་རྡོ་རྗེས་རབ་ཏུ་སྨྲས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏདྱ་ཐཱ། ཨོཾ་ཏྲ་ཊ་ཏྲ་ཊ། ཏྲོ་ཊ་ཡ་ཏྲོ་ཊ་ཡ། སྥུ་ཊ་སྥུ་ཊ་སྥོ་ཊ་ཡ་སྥོ་ཊ་ ཡ༑ གྷཱུརྞཱ་གྷཱུརྞཱ། གྷཱུརྣྞཱ་པ་ཡ་གྷཱུརྞཱ་པ་ཡ། སརྦ་སཏ་ན། བོ་དྷ་ཡ་བོ་དྷ་ཡ། སཾ་བོ་དྷ་ཡ་སཾ་བོ་དྷ་ཡ། བཧྲ་མ་བཧྲ་མ། སཾ་བཧྲ་མ་ཡ་སཾ་བཧྲ་མ་ཡ། སརྦ་བྷཱུ་ཏཱ་ནི་ཀུཊྚ་ཀུཊྚ། སཾ་ཀུཊྚ་ཡ་སཾ་ཀུཊྚ་ ཡ༑ སརྦ་ཤ་ཏྲཱུ། གྷཊྚ་གྷཊྚ། སཾ་གྷཊྚ་ཡ། སཾ་གྷཊྚ་ཡ་སརྦ་བིདྱཱ་བཛྲ་བཛྲ། སྥོ་ཊ་ཡ་བཛྲ་བཛྲ། ཀ་ཊ་ཡ་བཛྲ་བཛྲ། མ་ཊ་ཡ་བཛྲ་བཛྲ། མ་ཊ་ཡ་བཛྲ་བཛྲ། མ་ཐ་བཛྲ་བཛྲ། ཨཊྚ་ཧ་ [286A]༄༅། །ས་ནཱི་ལ་བཛྲ། སུ་བཛྲ་ཡ་སཱཧཱ། ཧེ་ཕུ་ལླུ། ནི་རུ་ཕུ་ལླུ། གྲྀཧྞ་ཀུལླུ་མི་ལི་ཙུལླུ། ཀུ་རུ་ཀུལླུ། བཛྲ་བེ་ཛ་ཡཱ་ཡ་སཱཧཱ། ཀཱི་ལི་ཀཱི་ལཱ་ཡ་སཱཧཱ། ཀ་ཊ་ཀ་ཊ། མ་ཊ་ མ་ཊ༑ ར་ཊ་ར་ཊ། མོ་ཊ་ན། པྲ་མོ་ཊ་ནཱ་ཡ་སཱཧཱ། ཙ་ར་ནི་ཙ་ར། ཧ་ར་ཧ་ར། ས་ར་ས་ར། མཱ་ར་ཡ་མཱ་ར་ཡ། བཛྲ་བི་དཱ་རཱ་ཡ་སཱཧཱ། ཙིཚིནྡ་ཙྪིནྡ། བྷིནྡ་བྷིནྡ། མ་ཧཱ་ཀཱི་ལི་ཀཱི་ལ་ཡ་ སཱཧཱ༑ བནྡྷ་བནྡྷ། ཀྲོ་དྷ་ཀྲོ་དྷ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སཱཧཱ། ཙུ་རུ་ཙུ་རུ་ཙནྡ་ཀཱི་ལི་ཀཱི་ལཱ་ཡ་སཱཧཱ། ཏྲཱ་ས་ཡ་ཏྲཱ་ས་ཡ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སཱཧཱ། ཧ་ར་ཧ་ར་བཛྲ་དཱ་རཱ་ཡ་སཱཧཱ། པྲ་ཧ་ ར་པྲ་ཧ་ར། བཛྲ་པྲ་བྷཉྫ་ནཱ་ཡ་སཱཧཱ། མ་ཏི་སྠི་ར་བཛྲ་སུ་ཏི་སྠི་ར་བཛྲ། པྲ་ཏི་སྠི་ར་བཛྲ། མ་ཧཱ་བཛྲ། ཨ་པྲ་ཏི་ཧ་ཏ་བཛྲ། ཨ་མོ་གྷ་བཛྲ། ཨེ་ཧི་བཛྲ་ཤཱི་གྷྲཾ་བཛྲ་ཡ་སཱཧཱ་ དྷ་ར་དྷ་ར། དཧི་རི་དཧི་རི། དཧུ་རུ་དཧུ་རུ། སརྦ་བཛྲ་ཀུ་ལཾ་ཨཱ་བ་རྟ་ཡ་སཱཧཱ། ཨ་མུ་ཀཾ་མཱ་ར་ཡ་ཕཊ། ན་མཿ་ས་མནྟ་བཛྲ་ཎཱཾ། སརྦ་བ་ལཾ་ཨཱ་བརྟ་ཡེ་མ་ཧཱ་བ་ལེ་ཀ་ཊ་བེ་ཏ་ཊ་ལེ་ ཨ་ཙ་ལེ༑ མཎྜ་ལ་མཱ་ཡེ། ཨ་ཏི་བཛྲ། མ་ཧཱ་བ་ལེ་བེ་ག་ར་ཎ། ཨ་ཛི་ཏེ། ཛྭ་ལ་ཛྭ་ལ། ཏི་ཊི་ཏི་ཊི། པིཾ་ག་ལེ་ད་ཧ་ད་ཧ། ཧེ་ཛོ་བ་ཏི། ཏི་ལི་ཏི་ལི། བནྡྷ་བནྡྷ། མ་ཧཱ་པ་ལེ་ བཛྲཱཾ་ཀུ་ཤ་ཛཱ་ལཱ་ཡ་སཱཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཥྩཎྜ་བཛྲ་པ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏདྱ་ཐཱ། ཨོཾ་ཧ་ར་ཧ་ར་བཛྲ། མ་ཐ་མ་ཐ་བཛྲ། དཧུ་ན་དཧུ་ན་བཛྲ་ [286B] པ་ཙ་པ་ཙ་བཛྲ། དྷ་ར་དྷ་ར་བཛྲ། དྷཱ་ར་ཡ་དྷཱ་ར་ཡ་བཛྲ། དཱ་རུ་ཎ་དཱ་རུ་ཎ་བཛྲ་ཙྪིནྡ་ཙྪིནྡ་བཛྲ། བྷིནྡ་བྷིནྡ་བཛྲ་ཧཱུཾ་ཕཊ། ན་མ་ཤྩཎྜ་བཛྲ་ཀྲོ་དྷཱ་ཡ། ཧུ་ལུ་ཧུ་ལུ་ ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུཾ་ཕཊ་སྡིག་པ་ཐམས་ཅད་བྱང་བྱས་ནས། །སྡུག་བསྔལ་ཐམས་ཅད་མེད་པར་བྱེད། །རྒྱུད་དོ་ཅོག་གི་རྩ་བ་སྟེ། །དཔལ་ཀུན་ གྱིས་ནི་ལེགས་པར་བརྒྱན། །སེམས་ཅན་དབང་པོ་ཉམས་པ་དང། །ཚེ་ཟད་པ་དང་ཚེ་ཉམས་དང། །ཕུན་སུམ་ཚོགས་མིན་གང་ཆགས་དང་།ལྷ་རྣམས་རྒྱབ་ཀྱིས་ཕྱོགས་ པ་དང། །མཛའ་སྡུག་སྐྱེ་བོ་སྡང་བ་དང། །བྲན་བཟའ་ལ་སོགས་གཙེས་པ་དང། །ཕན་ཚུན་མཐུན་པ་མ་ཡིན་དང། །ནོར་འགྲིབ་པས་ནི་གནོད་པ་དང། །མྱ་ངན་ངལ་དང་ གནོད་པ་དང། །འཇིགས་པ་དང་ནི་ཕོངས་པ་དང། །གཟའ་དང་རྒྱུ་སྐར་བྱད་སྟེམས་དང། །མི་བཟད་གདོན་གྱིས་ཉེན་པ་དང། །མྱ་ང་ངལ་ལས་བྱུང་བ་ཡི། །རྨི་ལམ་ སྡིག་པ་མཐོང་ན་ཡང། །དེས་ནི་རབ་བཀྲུས་གཙང་མ་ཡིན། །མདོ་སྡེ་དམ་པ་མཉན་པར་བྱ། །གང་དག་ཡིད་དགེ་སེམས་དང་ཞིང། །གཙང་མའི་གོས་ཀྱིས་རབ་བརྒྱན་ཏེ། ། ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ། །མདོ་སྡེ་འདི་ནི་ཉན་བྱེད་ན་།མདོ་སྡེ་འདི་ཡི་གཟི་བརྗིད་ཀྱིས། །སྲོག་ཆགས་དག་ནི་ཐམས་ཅད་ཀྱི་།མི་ཟད་པ་ཡི་ནད་རྣམས་ཀྱང།། [287A]༄༅། །དེ་དག་ཐམས་ཅད་ཞི་བར་ལྟ། །ཚེ་དང་བསོད་ནམས་འཕེལ་བར་འགྱུར། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །ནོར་བུ་ཡུངས་ཀར་དུར་བ་དང། ། རིན་ཆེན་རྨ་མེད་ཙནྡན་བཅས། །ཤེལ་དང་རྡོ་རྗེ་མེ་ཏོག་དང་།ཆུ་ཡིས་གསེར་རམ་ཡང་ན་ནི། །དངུལ་གྱི་བུམ་པ་དག་ཀྱང་རུང་།གཙང་མའི་གོས་ཀྱིས་དཀྲི་ཞིང་ དགང། །ལན་གྲངས་ཉི་ཤུ་རྩ་གཅིག་གམ། །ཡང་ན་ལན་གྲངས་བརྒྱ་རྩ་བརྒྱད། །རྡོ་རྗེ་རྣམ་འཇོམས་བཟླས་ནས་ནི། །རྒྱལ་པོ་རྟག་ཏུ་ཁྲུས་གྱིས་ཤིག་རྡོ་རྗེ་རྣམ་ པར་འཇོམས་པ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང། དཱ་ལ་ཤཱི་ལ་དང། བོད་ཀྱི་ལོཙྪ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ ཅིང་ཞུས་ཏེ་གཏན་ལ་ཕབ་པ་